Resident Lamas

Please feel free to contact the Resident Lamas with questions about:

  • Guidance on the Buddhist Path
  • Preparing for a PBC Retreat
  • Dharma Study Questions
  • Join the Learning Dharma Skills Program at PSL
  • Meet with the resident Lamas at Padma Samye Ling

Please contact us at jowozegyal@catskill.net or use the Contact page form.

Daily Inspiration


Padmasambhava Buddhist Center Facebook
 


Khenpo Rinpoche Twitter


Khenpo Rinpoche Instagram

Lama Lorraine

Jomo Lama Lorraine

Lama Jomo Lorraine (Jomo Pema Saldon) is a Tibetan Buddhist nun. She was a close disciple and secretary to His Holiness Dudjom Rinpoche until 1987, the time of his mahaparinirvana. Jomo Lorraine’s training in ritual and meditation has continued and increased under the direct instruction of her teachers, Venerable Khenchen Palden Sherab Rinpoche and Venerable Khenpo Tsewang Dongyal Rinpoche. She received monastic ordination from the Khenpo Rinpoches over fifteen years ago in Deer Park, the site of the Buddha’s first teaching.

Jomo Lorraine is one of the founding directors of the Padmasambhava Buddhist Center. She has a keen interest in traditional Buddhist art, and the preservation of ancient ritual dances, chants, and religious artifacts. Recently Jomo Lorraine helped the Ven. Khenpo Rinpoches complete Orgyen Samye Chökhor Ling Nunnery, the first nunnery located in the holy city of Sarnath, India.

Lama Jomo Lorraine chanting the Seven Line Prayer of Guru Padmasambhava (Length: 5 min. 7 sec.)

Lama Jomo Lorraine reciting the long and short mantras of Chenrezig, the Buddha of Compassion (Length: 2 min. 19 sec.)

Inauguration of Orgyen Samye Chokhor Ling Nunnery – Nov 12, 2006

CBS World Religions: Tibetan Buddhism at Padma Samye Ling with Ven. Khenpo Tsewang Dongyal Rinpoche

Lama Laia Pema Tsultrim

Lama Laia Pema Tsultrim was ordained as a monk by his teachers Ven. Khenchen Palden Sherab Rinpoche and Ven. Khenpo Tsewang Dongyal Rinpoche at the sacred site of the Buddha’s first sermon in Deer Park, India in 2002. He has been a resident Dharma teacher at Padma Samye Ling (PSL) Monastery in New York since 1999. Lama Laia is a senior editor of Dharma Samudra Publishing, leads daily meditations at PSL, and regularly helps with the Padmasambhava Buddhist Center (padmasambhava.org) monastery and nunnery in India.

After training in the arts and undergoing a personal search for spirituality, Lama Laia eventually took refuge in the Buddha, Dharma, and Sangha under the close guidance of the Venerable Khenpo Rinpoches, abbots who mastered the ancient traditions of the Nyingma school of Tibetan Buddhism. With their blessings, Lama Laia continues to deepen his training in the “three wisdoms” of study, contemplation, and meditation.

Lama Laia’s unique style of communicating the essential pillars of Buddhist tenets enables him to impart tranquility and joy, while encouraging great enthusiasm and inspiration in others to develop mindfulness, compassion, and wisdom.

Lama Pema Dragpa

Lama Pema Dragpa has been a resident Dharma teacher at Padma Samye Ling (PSL), the main monastery and retreat center of the Padmasambhava Buddhist Center (padmasambhava.org) since 2004. This institute was founded and directed by the Nyingma Dzogchen masters Ven. Khenchen Palden Sherab Rinpoche and Ven. Khenpo Tsewang Dongyal Rinpoche, who both trained and mastered the ancient traditions of the Nyingma school of Tibetan Buddhism.

Lama Dragpa lives and teaches at Padma Samye Ling, and was ordained as a lama by the Ven. Khenpo Rinpoches. He is a senior editor of over 20 books on philosophy, meditation, and Buddhist tenets. Lama Dragpa graduated with honors in philosophy and religious studies from NYU in 2002, and is a certified Hospice volunteer. He has taught at Scranton University and Binghamton Community College, and regularly travels to lead PBC events on traditional and contemporary Buddhist philosophy and meditation.

Lama Pema Dragpa teaching how to “Unite All the Teachings of the Buddha” on February 25, 2017 in Nashville, Tennessee (Length: 1 hr. 44 min.)

Lama Pema Dragpa offering tips on how to keep you meditation practice fresh on May 5, 2013 in Ithaca, New York. (Length: 1 hr. 54 min.)

Lama Sherab Tharchin

རྒན་ཤེས་རབ་མཐར་ཕྱིན་གྱི་ལོ་རྒྱུས་སྙིང་བསྡུས།

སྐྱེས་ཚེ། ༡༩༧༨

སྐྱེས་ཡུལ། མདོ་ཁམས་རི་བོ་ཆེ་འབྲོང་པ་རྡོ་ཤུལ་སྟོད་སྤུ་རུང་།

ཕ་མིང་། ཚེ་དབང་འགྱུར་མེད་།

མ་མིང་། བསོད་ནམས་ཚེ་འཛོམས།

དེབ་ཨང་། IN1313033 (དཔྱ་ཁྲལ་ལག་དེབ་ཨང་།)

རང་ལོ་བརྒྱད་ནས་མ་ཡིས་སློབ་སྟོན་ལྟར་བྱང་རྟ་ན་དགོན་པ་རུ་མ་ཡི་ཨ་ཁུ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་འབྱོ་རིག་འཛིན་མདུན་དུ་ལོ་གཅིག་རིང་བོད་ཡིག་སློབ་ཁར་སོང་ཀྱང་མ་ཡིས་རེ་བ་ལྟར་བོད་ཡིག་བྱང་ཆུབ་པ་མ་བྱུང་། དེ་ནས་རང་ཡུལ་དུ་ཚུར་ཡོང་ནས་སྒོ་ཆེན་དགོན་གྱི་ཡར་ནང་གླང་ཆེན་སྣ་རུ་སློབ་དཔོན་ཚེ་དབང་བདུད་འདུལ་དང་བཙུན་མ་གཡང་སྡིས་ཁོང་རྣམ་གཉིས་ཀྱིས་དགེ་རྒན་གནང་ནས་ཆོ་གའི་ཞལ་འདོན་སོགས་ལ་དཀའ་ངལ་མེད་པ་བྱུང་། དེ་ནས་རིམ་བཞིན་བླ་མ་ཐེག་མཆོག་རྡོ་རྗེའི་ཞབས་ཕྱི་རུ་སོང་།

རང་ལོ་བཅུ་བཞི་ནས་བཅུ་དྲུག་གི་བར་དུ་གླང་ཆེན་སྣ་རུ་མ་ཡིས་རེ་བ་ལྟར་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་སྔོན་འགྲོ་འབུམ་ལྔ་ཚར་གཉིས་དང་བླ་མ་ཐེག་མཆོགས་ཀྱི་ལྷན་དུ་གནམ་ལྕགས་གུ་གྲགས་ཀྱི་སྙན་པ་དང་ད་དུང་ཡང་ཚེ་སྒྲུབ་ལྕགས་བརྒྱ་མའི་སྙན་པ་སོགས་བསྐྱལ་མྱོང་ཡོད།

༡༩༩༦ ལོར་གནམ་ལྕགས་རྩ་གསུམ་གླིང་པའི་རྣམ་འཕྲུལ་འཕགས་པ་རྒྱལ་མཚན་དང་མཁྱེན་སྤྲུལ་ཨོ་རྒྱན་ཚེ་སྐྱབས་རྣམ་པ་གཉིས་ཀྱིས་རྫ་སྤང་དགོན་དུ་གནམ་ལྕགས་གཏེར་གཞུང་གི་དབང་ལུང་ཆ་ཚང་གནང་བས་དེ་ཡང་ཞུ་རྒྱུས་སྐལ་པ་བཟང་པོ་བྱུངས།

རང་ལོ་བཅུ་བདུན་ནས་གྲོགས་མཆོག་དམ་པ་གཡུ་ལྷ་ཐོག་འགྱུར་གྱི་ལྷན་དུ་ལྷ་ས་རུ་གནས་སྐོར་དུ་རི་བུད་ནས་ཟླ་བ་བཞི་ཙམ་འགོར། ཡང་ལོ་གཅིག་མ་ཟིན་ཙམ་ཁོང་གི་གཅེན་པོ་ཀརྨ་སངས་རྒྱས་ལྷན་དུ་ཡང་བསྐྱར་ལྷ་སར་འགྲོ་རྒྱུ་འགོ་བཙུགས་དེ་ནས་ཀོང་པོ་དང་ཁམས་སྡེ་དགེ་དཔལ་དཔུང་སོགས་སུ་གནས་མཇལ་ལ་སོང་ནས་རང་ཡུལ་དུ་ལོག། དེ་ནས་ཕྱི་ཕྱོགས་སུ་འགྲོ་རྒྱུའི་བསམ་བློ་འཁོར་ནས་དེ་དུས་རང་ལོ་བཅོ་བརྒྱད་ཡིན། དེ་ནས་མ་རྒན་གྱིས་བཀའ་འཁྲོལ་ཐོབས་ནས་སྟོད་གངས་རིས་བརྒྱུད་ནས་དཀའ་ངལ་འཛེམས་མེད་ཐོགས་བལ་ཡུལ་ལ་སླེབས། དེ་ནས་རིམ་བཞིན་བོད་གཞུང་སྣེ་ལེན་ཁང་གིས་ལམ་སྟོན་འོག་གོང་ས་རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཡང་ཐོབས། ཡང་བསྐྱར་བལ་ཡུལ་ཡང་ལེ་ཤོད་ལ་སྒོ་ཆེན་རྒྱལ་སྤྲུལ་གསང་སྔགས་བསྟན་འཛིན་རིན་པོ་ཆེས་ཕྱ་བསྟབས་མཛད་པའི་གསང་སྔགས་ཕུར་པ་གླིང་དུ་རིན་པོ་ཆེའི་སྐུ་རིམ་ལ་བཀའ་འགྱུར་དག་ཚར་གཅིག་འདོན་རྒྱུ་དང་དགོན་པའི་དབུ་མཛད་ཀྱི་འགན་ཁུར་ལོ་གཅིག་རིང་བྱས།

ཕྱི་ལོ་༢༠༠༠ ལོ་ཕ་ཡུལ་གཅིག་པའི་ས་བཅུ་སྤྲུལ་སྐུའི་ཡབ་དཀོན་མཆོག་བསམ་གཏན་གྱིས་ལམ་སྟོན་འོག་རྙིང་མའི་མཁན་ཆེན་དཔལ་ལྡན་ཤེས་རབ་རིན་པོ་ཆེ་དང་མཁན་སྤྲུལ་ཚེ་དབང་དོན་རྒྱལ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཕྱ་བསྟབས་པའི་མཛད་པའི་འདི་གར་ཝ་ཎའི་རྙིང་དགོན་པདྨ་བསམ་ཡས་ཆོས་འཁོར་གླིང་དུ་འབྱོར། དེ་ནས་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་མཁན་རིན་པོ་ཆེ་ཁོང་རྣམ་གཉིས་མདུན་ནས་ཡང་གནམ་ལྕགས་ཀྱི་དབང་ལུང་དང་གཞན་ཡང་ཆོས་ཕྱོགས་ཀྱི་གདམས་ངག་མང་པོ་ཞུ་རྒྱུ་དང་སྤྱི་ཚོགས་ཀྱི་འགྲོ་ལུགས་བཀའ་སློབ་ལམ་སྟོན་ཟབ་ཞིང་རྒྱ་ཆེ་བ་མང་པོ་ཐོབས་རྒྱུ་སྐལ་བཟང་བྱུངས་བ་དང་ལྷག་པར་དུ་རིན་པོ་རྣམ་གཉིས་ཀྱིས་ལྟོ་གོས་ཆོས་གསུམ་གནང་ནས་རང་ངོས་ལ་མཚོན་ན་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ནི་གཞལ་ཟླ་དང་བྲལ། རང་ཉིད་ཡང་དེ་གར་ཁྱི་ལ་སེངྒེའི་མིང་ཞེས་པའི་དཔེ་ལྟར་དགོན་གྱི་གྲྭ་པ་རྣམས་ལ་གནམ་ལྕགས་ཆོ་ག་ཕྱག་ལེན་དགེ་རྒན་གྱིས་མིང་ཙམ་ཁུར།

༢༠༡༠ ནས་༢༠༡༦ གི་བར་དུ་པདྨ་བསམ་ཡས་ཆོས་འཁོར་གླིང་དང་ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་གཉིས་འགན་འཛིན་གྱི་མིང་ཁུར་བྱས་ནས་རང་ངོས་ནས་ཀྱང་དགོན་གྱིས་དཀའ་ངལ་གང་ཐད་ལ་ནུས་པ་ཅི་ཡོད་ཀྱིས་ལྷག་བསམ་རྣམ་པར་དག་པས་ཞབས་ཞུ་བྱེད་ཁུལ་དང་ཁྱད་པར་དུ་བཀའ་དྲིན་སུམ་ལྡན་གྱི་བླ་མ་མཁན་ཆེན་དམ་པའི་ཡང་སྲིད་རྩད་གཅོད་བྱེད་རྒྱུས་འགན་ཁུར་གཙོ་བོར་བཟུངས་ནས་བྱ་བ་ལེགས་གྲུབ་བྱུང་བས་དགའ་སྤྲོ་ཚད་ལས་འདས།

ད་སྐབས་དགོན་པའི་ལས་གནས་དེ་གའི་ཐོག་རྒྱུན་དུ་གྲྭ་ཆེ་ཆུང་འབྲིང་རྣམས་ལ་བོད་ཀྱི་སྐད་ཡིག་སྤྱི་དང་ནང་ཆོས་རིག་ལམ། ཆོ་ག་ཕྱག་ལེན་བྱས་ཀྱི་སློབ་འཁྲིད་གནང་བཞིན་ཡོད་ལ་ད་ལྟ་རང་ལོ་སོ་བརྒྱད་ལ་ཕྱིན་ཡོད།

Khenchen Rinpoche’s Relics Arrive to PBC Sarnath Nunnery

Ani Konchok

དཀོན་མཆོག་དབྱངས་ཅན་ལྷ་མོའི་ལོ་རྒྱུས་སྙིང་བསྡུས།

སྐྱེས་ཚེ། ༡༩༧༧

སྐྱེས་ཡུལ། ཁམས་ནང་ཆེན་ཀ་གཞུང་སེང་སྨད་སྦེ་ནང་།

ཕ་མིང་། རྣམ་རྒྱལ་རིག་འཛིན་།

མ་མིང་། འབྱོ་གཟའ་སྒྲོལ་སྐྱིད་།

རང་ལོ་བཅུ་བདུན་མ་སོན་གྱི་བར་དུ་འབྲི་ཡག་ལུག་གསུམ་གྱི་རྗེས་སུ་སྙེག་ཞིག་བོད་ཡིག་འབྲི་ཀློག་ཙམ་ཀྱང་མི་ཤེས། འོན་ཀྱང་དུས་རྒྱུན་ཆོས་ཕྱོགས་ལ་དགའ་ཞན་དང་བླ་མ་སུ་ཡིན་ཡང་དད་པ་བྱེད་མཁན་གཅིག་ཡིན།

རང་ལོ་བཅུ་བདུན་ལ་ཕྱིན་དུས་བཙུན་མ་བྱེད་རྒྱུས་སེམས་ཐག་བཅད་ནས་ཕ་མ་བཀའ་འཁྲོལ་ཐོབས་པ་ལྟར་ལ་ལུང་རི་ཆུ་མང་པོ་བརྒལ་ནས་བལ་ཡུལ་དུ་འབྱོར་ནས་མགར་རིན་པོ་ཆེའི་མདུན་ནས་སྐྱབས་སྡོམ་ཞུས་མིང་ལ་དཀོན་མཆོག་དབྱངས་ཅན་ལྷ་མོ་གནང། དེ་ནས་རྒྱ་གར་དུ་འབྱོར་གོང་ས་རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཚད་ལྡན་ཞུས། དེ་དུས་ཡུལ་ལུང་གི་འགྲོ་ལུགས་ཅི་ཡིན་མི་ཤེས་པས་དེ་ནི་བོད་གཞུང་གི་ལམ་སྟོན་ལྟར་བོད་གཞུང་སློབ་གྲྭ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཅིག་ལྷག་ཙམ་བོད་ཡིག་སྦྱངས་འགོ་ཚུགས། དེ་ནས་གྲོགས་མོ་བཙུན་མ་ཤེས་རབ་བཟང་མོས་ལམ་སྟོན་འོག་བལ་ཡུལ་ཡང་ལེ་ཤོད་དུ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེས་གསར་འཛུགས་གནང་བའི་གད་ཆགས་སྒྲུབ་སྡེ་འོད་གསལ་བསམ་གཏན་གླིང་དུ་སྔོན་འགྲོ་འབུམ་ལྔ་ནས་དབུ་འཛུགས་བྱས་ཏེ་ལོ་གསུམ་ཟླ་གསུམ་གྱི་བསྙེན་སྒྲུབ་གང་ཐུབས་བྱས།

ཕྱི་ལོ་༢༠༠༡ ལོར་གཅུང་པོ་ཤེས་རབ་མཐར་ཕྱིན་ལམ་སྟོན་ལྟར་འདི་གར་ཝ་ར་ཎ་སི་རུ་འབྱོར་ནས་ལོ་གཉིས་རིང་པདྨ་བསམ་ཡས་ཆོས་འཁོར་གླིང་དུ་བསྡད། དེ་ནས་མཁན་ཆེན་རྣམ་གཉིས་ཀྱི་བཙུན་དགོན་ཨོ་རྒྱན་བསམ་ཡས་ཆོས་འཁོར་གླིང་ཕྱ་བསྟབས་མཛད་ནས་༢༠༠༣ ལོར་བཙུན་དགོན་གྱི་དབུ་འགྱེད་གནང་དུས་དགོན་པའི་ནང་བཙུན་མ་དང་པོ་དེ་ཡིན། དེ་ནས་རིམ་བཞིན་དགོན་པ་རུ་རྡོ་རྗེ་སློབ་དཔོན་ཚེ་དབང་བདུད་འདུལ་གྱིས་མདུན་ནས་གནམ་ལྕགས་ཆོ་ག་རང་ལུགས་ཀྱི་གྱེར་གདང་དང་གཏོར་བཟོ་སོགས་ཀྱི་འཛིན་གྲྭ་འགྲོ་གང་ཐུབས་བྱས་སློབ་དཔོན་ཚེ་དབང་གིས་མདུན་ནས་སྤྱོད་འཇུག་དཔེ་འཁྲིད་ཞུས་ནས་རིམ་བཞིན་རང་ནུས་གང་ཡོད་ཀྱིས་དགོན་པར་ཞབས་ཞུ་བྱེད་ཁུལ་བྱས་པ་ཡིན།

༢༠༠༨ ལོར་བཀའ་དྲིན་སུམ་ལྡན་ཅན་གྱི་རྩ་བའི་བླ་མ་རྙིང་མའི་མཁན་ཆེན་དཔལ་ལྡན་ཤེས་རབ་རིན་པོ་ཆེ་དང་མཁན་སྤྲུལ་ཚེ་དབང་དོན་རྒྱལ་རིན་པོ་ཆེ་ཁོང་རྣམ་གཉིས་མདུན་ནས་གནམ་ལྕགས་ཀྱི་དབང་ལུང་ཆ་ཚང་དང་གཞན་ཡང་ཆོས་ཕྱོགས་ཀྱི་གདམས་ངག་མང་པོ་ཞུ་རྒྱུ་དང་སྤྱི་ཚོགས་འགྲོ་ལུགས་བཀའ་སློབ་ལམ་སྟོན་ཟབ་ཞིང་རྒྱ་ཆེ་བ་མང་པོ་ཐོབས་རྒྱུ་སྐལ་བཟང་བྱུངས་བ་དང་རང་ངོས་ལ་མཚོན་ན་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ནི་གཞལ་ཟླ་དང་བྲལ།

ད་ལྟ་རང་དགོན་དུ་སྔར་བཞིན་དུ་ནུས་པ་ཅི་ཡོད་དང་ལྷག་བསམ་རྣམ་དག་ཞབ་ཞུ་འདྲ་ཞུ་ཁུལ་བྱས་ནས་གནས་ཡོད།།

Ani Konchok and the Nuns of Orgyen Samye Chokhor Ling Practicing Meditation